བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ཆེད་དུ་ན་གཞོན་མཐུན་ཚོགས་ནས་བཞུགས་སྒར་རྡ་རམ་ས་ལར་ཁོང་ལ་རྒྱབ་སྐྱོར་གྱི་བརྙན་པར་ཞིག དེ་རིང་ཕྱི་ལོ་ ༢༠༡༠ སྤྱི་ཟླ་ ༡༢ ཚེས་ ༢༨ ཉིན་དྲ་རྒྱ་བརྒྱུད་ནས་དབུ་འབྱེད་བྱ་རྒྱུ་ཡིན།
དེའི་ནང་ལ་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་གིས་ད་ལྟའི་དུས་ཚོད་འདིར་ཆོལ་ཁ་དང་། ཆོས་ལུགས། ལུང་ཚན་སོགས་ལ་ཞེན་འགོག་བྱེད་རྒྱུའི་དུས་ཚོད་མ་རེད་ཅེས་གསུངས་སོང།
ང་ཚོ་དང་བླངས་པ། ན་གཞོན་མཐུན་ཚོགས་ནས་བཀྲས་མཐོང་བསྟན་འཛིན་གྱི་སྐོར་ལ་མཁྱེན་རྟོགས་ཡོང་ཆེད་ གཙུག་ལག་ཁང་གི་ལམ་ཆེན་བསྟན་དབྱངས་ཇ་ཁང་གི་ཐོག་ཁར་ལས་ཁུངས་ཤིག་དབུ་འཛུགས་བྱས་ཡོད།
ང་ཚོ་ན་གཞོན་མཐུན་ཚོགས་ཀྱི་ཚགས་མི། རྒྱ་གར་དང་། བལ་ཡུལ། ཨ་རི། ཁེ་ན་ཌ། ཡོ་རོབ་སོགས་ཀྱི་སློབ་མ། ལས་བྱེད་པ། ཆེད་ལས་པ་སོགས་ལས་གྲུབ་པ་ཞིག་ཡིན།