Tuesday, January 18, 2011

ཤི་ལོང་།


                 
ང་ཚོ་འགྲོ་བསྐྱོད་བྱེད་སའི་གནམ་གྲུ་དེ་ཞོགས་པའི་ཆུ་ཚོད་ ༡༠ ཡིན་དུས་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་ཐོག་ཤི་ལོང་གི་གནམ་གྲུ་འབབ་ཚུགས་སུ་འབྱོར་སོང་། དེའི་སྐབས་སུ་ང་ཚོ་འགྲོ་སའི་གནམ་གྲུ་དེ་གནས་ཚུལ་གྱི་རྐྱེན་པས་འཕུར་བསྐྱོད་བྱེད་མ་ཐུབ་པར་བརྟེན། གནམ་གྲུ་གཞན་པ་ཞིག་གི་ནང་དུ་ཆུ་ཚོད་ ༡༢ དང་སྐར་མ་༤༥ ཡི་ཐོག་བྷག་ཌོ་ར་(སྐྱཎཐྲརྟྣཔྱཎ)བརྒྱུད་དེ་བསྐྱོད་པས་ཉིན་རྒྱབ་ཀྱི་ཆུ་ཚོད་གཉིས་པར་གྷོ་ཧ་ཀྲིར་འབྱོར་ཐུབ་པ་བྱུང་།
ང་ཚོ་ཤི་ལོང་དུ་སླེབས་མ་ཐག་ཡུལ་དེའི་འཇབ་རྒོལ་པའི་དོན་རྐྱེན་གྱིས་ལག་ཐོག་ཁ་པར་གྱི་བྲེལ་ལམ་ཆད་སོང་། ང་ཚོས་ས་ཆ་གཞན་ནས་ཉོས་པའི་(ྔདྲན སྐྲཎཔྱརྟ) རྒྱ་གར་ནུབ་ཤར་གྱི་མངའ་སྡེ་ཁག་ནང་བེད་སྤྱོད་ཐུབ་ཀྱི་མེད་པར་བརྟེན་དཀའ་ངལ་ཕྲན་ཙམ་བྱུང། མཐའ་མ་དེ་ལ་ང་ཚོས་ཁ་ལོ་བའི་ལག་ཐོག་ཁ་པར་བརྒྱུད་དེ་སྒོ་སྒྲིག་བྱེད་མཁན་ཚོར་འབྲེལ་བ་བྱས་པ་ཡིན། འགྲིམ་འགྲུལ་དོ་ཕོག་གི་རྐྱེན་པས་ང་ཚོ་ཤི་ལོང་དུ་ཆུ་ཚོད་དྲུག་དང་ཕྱེད་ཀའི་ཐོག་སླེབས་སོང་། དེར་གོ་སྒྲིག་ཞུ་མི་དང་། བཀྲ་ཤིས་ལགས། མགོན་པོ་ལགས་སོགས་ཕེབས་བསུར་བཅར་ནས་སྐུ་ངོ་བཀྲས་མཐོང་བསྟནའཛིན་རྣམ་རྒྱལ་ལགས་ཀྱི་བཀའ་སློབ་གནང་སའི་མགྲོན་ཁང་དེར་བསྡད་པ་ཡིན། 
ང་ཚོ་ཤི་ལོང་དུ་སླེབས་སྐབས་ཡུལ་དེར་གནམ་གཤིས་གྲང་ཤོས་ཡིན་པའི་དུས་ཤིག་ཡིན་མིན་ལ་མ་ལྟོས་པར་གོ་སྒྲིག་གནང་མཁན་ཚོས་ངལ་བ་ཁྱད་བསད་ཀྱིས་གྲ་སྒྲིག་ཡག་པོ་གནང་འདུག དེ་ནི་ངའི་བསམ་པར་ང་ཚོ་བསྐོར་བསྐྱོད་བྱས་པའི་ས་ཆ་གྲང་ཤོས་ཤིག་ཡིན་པའི་ཚོར་བ་བྱུང། ཕྱི་ཚེས་༡༩ ཉིན་ཡུལ་དེར་ཡོད་པའི་གོ་སྒྲིག་པ་ཚོས་འདུ་སྐོང་བྱས་པའི་ཚོགས་འདུ་དེར་། ང་ཚོར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་མི་ཚེའི་ལོ་རྒྱུས་ཀྱི་འཁོར་ཐག་དང་། རྒྱབ་སྐྱོར་བྱེད་མིའི་འཁོར་ཐག བརྙན་འཕྲིན་སོགས་འགྲེམ་སྤེལ་བྱེད་རྒྱུའི་གོ་སྐབས་བཟང་པོ་བྱུང་། དེ་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི་སྐུ་ངོ་མཆོག་ནས་བོད་སྤྱི་པའི་ཐོག་ཕྱག་ལས་ག་རེ་གནང་ཡོད་པ་དག་མི་མང་ཚོར་གོ་རྟོགས་ཡོང་ཆེད་ཡིན།
  (ཁོང་ལ་གཞོན་སྐྱེས་གཉིས་ཀྱི་དབྱིན་སྐད་ཐོག་དྲི་བ་མི་འདྲ་བ་གཉིས་གནང་བ་དེས་ང་ཚོར་སེམས་ཤུགས་གསར་པ་ཞིག་བྱིན་ཡོད་པ་ནི་ཁྱེད་ཀྱི་གཤམ་དུ་ཡོད་པའི་བརྙན་འཕྲིན་ཐོག་གཟིགས་ན་མཁྱེན་གསལ་རེད།)
 ཚོགས་འདུ་གྲོལ་ཚར་བའི་རྗེས་ང་ཚོར་དུས་ཚོད་མི་ཉུང་བ་ཞིག་ཡོད་པར་བརྟེན། སྐུ་ངོ་མཆོག་ཁྲོམ་སའི་བསྟི་གནས་སུ་ཡོད་པའི་བོད་མི་ཚོ་དང་ཚོང་ཁང་སོགས་སུ་དངོས་སུ་ཕེབས་ནས་ཐུག་འཕྲད་གནང་ཡོད། ཁོང་གིས། ཚོང་ཟོག་ཉོ་མཁན་མང་ཆེ་བ་བོད་པའི་སར་ཉོ་བར་ཡོང་གི་ཡོད་པ་ནི་ང་ཚོ་བོད་པ་ཚོར་དམིགས་བསལ་གྱི་ལག་རྩལ་ཞིག་ཡོད་པའི་རྟགས་རེད་ཅེས་ཀུ་རེའི་ཚུལ་དུ་གསུངས་གནང་སོང་། ང་སྐུ་ངོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་ལྷན་དུ་ཀ་རྡོར་སྒང་གསུམ་ལ་སྐོར་བསྐྱོད་འགྲོ་དུས་གནས་ཚུལ་མང་པོའི་ཐོག་ཤེས་རྟོགས་བྱུང་ལ། མི་མང་ཚོའི་སེམས་ཁྲལ་བྱ་ཡུལ་གང་ཡིན་པ་ཡང་མྱོང་ཚོར་བྱུང་། སྤྱིར་བཏང་མི་ཚང་མར་སོ་སོའི་འཚོ་བ་དང་ སློབ་སྦྱོང། ཡུལ་མིའི་དཀའ་ངལ་སོགས་ཡོད་ནའང་། ཁོང་ཚོས་སེམས་ཁྲལ་ཆེ་ཤོས་བྱ་ཡུལ་ནི་༧གོང་ས་མཆོག་དང་བོད་ནང་གི་བོད་མི་ཚོར་རོགས་རམ་གང་འདྲ་བྱ་ཡི་ཡིན་ཞེས་པ་དེ་ཡིན།