Thursday, January 20, 2011

འབུམ་སྡེ་ལ་དང་། བསྟན་འཛིན་སྒང་། རྟ་དབང་སོགས་ཀྱི་སྐུ་ཚབ་དང་ཐུག་འཕྲད་སྐོར།




  ང་ཚོ་སྤྱི་ཟླ་དང་པོའི་ཚེས་ ༡༩ ཉིན་གྱི་ཉིན་གུང་ཁ་ལག་ཟས་རྗེས་ཕྱི་དྲོ་ཆུ་ཚོད་བདུན་པའི་ཐོག་གྷོ་ཧ་ཀྲི(གསྤྱདཎྤདྲ)ལ་སླེབས་སོང། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་བོད་མི་སྡོད་སའི་ས་ཆ་ཚང་མར་སྐོར་བསྐྱོད་གནང་ཐུབ་ཀྱི་མེད་པར་བརྟེན། འབུམ་སྡེ་ལ་དང་། བསྟན་འཛིན་སྒང་། རྟ་དབང་སོགས་ཀྱི་སྐུ་ཚབ་ངོས་ནས་ཉིན་དེའི་ཕྱི་དྲོ་གྷོ་ཧ་ཀྲིར་ཁོང་དང་ཐུག་འཕྲད་གནང་ཡོད། ཁོང་ཚོ་ཉིན་གཅིག་གཉིས་ཀྱི་འགྲུལ་བཞུད་ལ་མ་འཛེམས་པར་གྷོ་ཧ་ཀྲིར་ཕེབས་པ་དེར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། རྒྱུ་མཚན་གང་ལ་བརྟེན། ཁོང་བཀའ་ཁྲིར་ལངས་པ་དང་དམིགས་ཡུལ་གང་གི་ཆེད་བཀའ་ཁྲིའི་འོས་བསྡུའི་ནང་ཞུགས་ཀྱི་ཡོད་པའི་སྐོར་འགྲེལ་བརྗོད་གནང་སོང་། དེ་འདྲ་གནང་དགོས་པའི་རྒྱུ་མཚན་གཙོ་བོ་ནི་བཙན་བྱོལ་བོད་མི་ཚོས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་གསུང་བཤད་ཉན་པ་དང་དྲི་བ་དྲི་ལན་སོགས་ཀྱི་ཆེད་ཡིན། དེ་ལས་ཀྱང་གལ་འགངས་ཆེ་བ་ནི་ཁོང་གིས་མི་མང་གི་དཀའ་ངལ་གོ་རྟོགས་ཆེད་མི་མང་ཡོད་ས་ཚོར་ཆེད་ཕེབས་གནང་བས་འབྱུང་འགྱུར་བཀའ་ཁྲིར་འཁོད་པ་ཡིན་ན་ཁོང་ཆོའི་དཀའ་ངལ་སེལ་ཆེད་བསམ་བློ་གསར་པ་ཞིག་བསྐྲུན་ཡོད། 
(བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་འབུམ་སྡེ་ལ་དང་བསྟན་འཛིན་སྒང་རྟ་དབང་སོགས་ཀྱི་སྐུ་ཚབ་ལྷན་དུ་སྒྲོན་པའི་པར།)
རྟ་དབང་བྱམས་བརྩེ་དགའ་ཚལ་སློབ་གླིང་གི་སློབ་སྤྱི་རྟ་ཕུན་བསྟན་འཛིན་ཤ་སྷྲི་ལགས་ཀྱིས་བཀྲས་མཐོང་བསྟནའཛིན་རྣམ་རྒྱལ་ལགས་ལ་རྒྱབ་སྐྱོར་དང་སྦྲགས། ཁོང་གིས་གསུངས་དོན་ལ་སྐུ་ངོ་མཆོག་ནས་བོད་སྤྱི་པའི་ཐོག་ཕྱག་ལས་གནང་ནས་གྲུབ་འབྲས་ཇི་ཙམ་ཐོན་པ་དང་ཕྱག་ལས་དེ་དག་གིས་བོད་མི་མང་ལ་ཕན་ཐོགས་གང་བྱུང་ཡོད་པའི་སྐོར་གསུངས་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པའི་དགོངས་ཚུལ་གསུངས་སོང་།  སྐུ་ཚབ་ཚོ་དང་ཐུག་འཕྲད་ཐོག་མ་བྱུང་དུས་ཁོང་ཚོ་ངོ་ཚ་ནས་བཀའ་མོལ་ལྷུག་པོ་བྱུང་མེད་ཀྱང་རིམ་པས་ངོ་ཤེས་པས་ཁོང་རྣམས་ཀྱིས་སྦ་གསང་མེད་པར་སོ་སོའི་ཚོར་བ་དང་བསམ་ཚུལ་སྤེལ་རེས་གནང་ཡོད་པ་དེས། བཀའ་ཁྲིའི་ཁྱབ་བསྒྲགས་ཀྱིས་ངོ་བོ་གྱུར་ཏེ་སོ་སོའི་ལོ་རྒྱུས་ཉན་བསམ་གྱི་གླེང་སྟེགས་སུ་གྱུར་སོང། ང་ཚོས་བཀའ་བློན་ཁྲི་པའི་སྐོར་སྐད་ཆ་བཤད་དགོས་ན། ང་ཚོས་ངེས་པར་དུ་ཉམས་མྱོང་དང་། ཕུགས་བསམ། གསར་གཏོད་ཐོག་གླེང་སློང་བྱེད་དགོས་། ང་རང་གིས་བསམ་ཚུལ་ཞིག་ཞུས་པ་ཡིན་ན། ཉམས་མྱོང་དང་། ཕུགས་བསམ། གསར་གཏོད་སོགས་སོ་སོར་རིན་ཐང་རེ་ཡོད་རེད། ཡིན་ནའང་། ང་ཚོ་བོད་མི་ཚོས་ངེས་པར་དུ་ཤེས་དགོས་པ་ནི་རང་ཚུགས་ཀྱི་ནུས་སྟོབས་ལྡན་དགོས་པ་ཡིན་པས། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ནི་རང་ཚུགས་ཀྱི་ནུས་སྟོབས་ལྡན་པའི་མི་ཞིག་ཡིན་པ་ཡིད་ཆེས་ཡོད།